༈ གང་ལྟར་གཏམ་རྒྱུད་ཀྱི་རྟོག་པ་ཞེས་ པ་ལས། ལྷ་མ་སྲིན་ནི་སྡེ་བརྒྱད་ཀྱིས། །སྲོག་གི་ཡང་སྙིང་ཕུལ་བ་ནི། །གཤིན་རྗེས་ཡ་ཕུལ་མ་མོས་མ། །སྲིན་པོས་ར་ཕུལ་གནོད་སྦྱིན་ཀྵེ། །མི་ཡིས་ནི་ཕུལ་ས་བདག་ས། །བཙན་གྱིས་ཙ་ཕུལ་བདུད་ཀྱིས་ད། །ཞེས་ པའི་ཡི་གེ་རྣམས་ལ་ཡ་མ་རཱ་ཛཱ་ཡོད་མོད་ཀྱི། ཚིགས་བཅད་དེ་མཁས་པ་ཕལ་ཆེར་ཚད་མར་མི་བཞིད་པས་རང་ལུགས་སུ་ཁས་མི་ལེན་ནོ།།